ཨེ་རིས྄་ཊོ་ཊལ་ནི་ཡི་ཤུའི་འདས་ལོ་སྔོན་གྱི་ལོ་ ༣༨༤ ནས་ ༣༢༢ བར་བྱུང་བའི་གྷི་རིག྄་གི་གྲུབ་མཐའ་སྨྲ་བ་ཞིག་དང་། ཁོང་ནི་སི་ཊ་གྷི་རའི་ཡུལ་དུ་འཁྲུངས་པས་མཚན་དོད་ལ་སི་ཊ་གྷི་རེ་ཊེ་ཞེས་ཀྱང་འབོད་ཀྱི་ཡོད།

མི་ཚེའི་ལོ་རྒྱུས།


ཨེ་རིས྄་ཊོ་ཊལ་་གྱི་ཡབ་ལ་ནི་ཁོ་མེ་ཁས྄་ཞེས་པ་དང་ཁོང་ཡང་དེའི་དུས་ཀྱི་སྙན་གྲགས་ཆེ་བའི་དངོས་ཁམས་ཚན་རིག་པཞིག་དང་། ཨེ་རིས྄་ཊོ་ཊལ་་གྱིས་ཡི་ཤུའི་འདས་ལོ་སྔོན་གྱི་ལོ་༣༨༤ ནས་ ༣༢༢ བར་ཨེ་ཁེ་ཌེ་མི་ Academy1ཞེས་པའིསློབ་གྲྭའི་ནང་པེ་ལེ་ཊོའི་སྐུ་མདུན་ནས་སློབ་གཉེར་བྱས། དེསྐབས་ཁོང་གིས་རྨད་དུ་བྱུང་བའི་གཏམ་བརྗོད་མང་པོ་ཞིག་གསུང་རྩོམ་གནང་བ་ལས་དེང་སང་གཏམ་བརྗོད་དེ་དག་གི་ཆ་ཤས་ཤིག་མ་གཏོགས་ཉར་ཚགས་བྱེད་ཐུབ་མེད། ཡི་ཤུའི་འདས་ལོ་སྔོན་གྱི་ ༣༤༢ ནང་ ༣༣༩ བར་མེ་སི་ཌོ་ནི་ཡར་གྲགས་ཅན་ཨེ་ལེག་ཛེན་གྲར་སློབ་གཉེར་ལྟ་རྟོག་མཛད་པ་དང་དེ་ནས་སི་ཊ་གྷི་རར་བཞུགས་རྒྱུར་ཕེབས་ཏེ་ཡང་ཕྱིར་ཨེ་ཐེན་དུ་ལོག་གནང་བ་རེད། ཡི་ཤུའི་འདས་ལོ་སྔོན་གྱི་ ༣༣༥ ལོར་ཁོང་གི་ལཡི་སིཨམ་དུ་ཁོང་གིས་ཨེ་ཁེ་ཌེ་མིའི་ཚོགས་མི་གྲགས་ཅན་འགའ་དང་མཉམ་དུ་སློབ་གཉེར་ཁང་གསར་འཛུགས་མཛད། ལཡི་སེམ་གྱི་སློབ་གཉེར་ཁང་གིས་རང་ཉིད་གར་སྟེགས་ཁེབས་ཅན་ཞིགནས་སློབ་འཁྲིད་གནང་སྲོལ་ཡོད་པས་སློབ་གཉེར་ཁང་དེར་པེ་རིཔེ་ཊེ་ཊིག་ཞེས་མིང་ཐོབ། ཨེ་ལེག་ཛེན་ཌར་འདས་རྗེས་མེ་སི་ཌོ་ནི་ཨན་གྱི་རྙོག་ཟིང་བྱུང་བས་ཡི་ཤུའི་འདས་ལོ་སྔོན་གྱི་ ༣༢༣ལོར་ཨེ་རིས་ཊོ་ཊལ་རང་ཉིད་ཆལ་ཁིས྄་ཡུལ་དུ་བྲོས་བྱོལ་ཕྱིནཔ་དང་དེ་ནས་ཡུལ་དེ་ག་རང་དུ་དགོངས་པ་རྫོགས་སོ། །

ཕྱག་རྗེས།


ད་ཡོད་ཨེ་རིས྄་ཊོ་ཊལ་་གྱི་རྩོམ་བྲིས་ཕལ་མོ་ཆེ་ནི་ཁོང་གི་གསུང་བཤད་ཀྱི་ཟིན་བྲིས་ཡིན་པ་དང་དེའི་ནང་གི་ཡིག་ཆ་ཁ་ཤསནི་ཁོང་རང་གི་སློབ་མའི་ཟིན་བྲིས་ཁག་ལས་བསྡུ་སྒྲིག་བྱེད་པར་གྲགས། ཁོང་གི་གསུང་རྩོམ་རྣམས་བཅོས་སྒྲིག་བྱས་ཏེ་ད་ལྟའིདེབ་གཟུགས་སུ་འགོད་མཁན་ནི་རོཊས྄་ཀྱི་ཨེན་ཌོརོ་ནི་ཁུས྄་ཡིས་ཡི་ཤུའི་འདས་ལོ་གོང་གི་བརྒྱ་ཕྲག་དང་པོར་གནང་བ་ཞིག་ཡིན།ཁོང་གི་ཕྱག་ལས་གཙོ་བོ་ནི་ཨོར་གྷེ་ནམ་ཞེས་པའི་གཏན་ཚིགས་རིག་པའི་སྐོར་གྱི་དེབ་ཕྲེང་དྲུག་ཅན་དེ་ཡིན། དེ་དག་ནི་དངོས་ཁམས་ཚན་རིག་ངདཕྲཔྲདྲཏྲདང་། དངོས་གཤིས་རིགཔ།(Metaphysics) དྷི་ཨེ་ནི་མ།(De Anima) ནི་ཁོ་མེ་ཕྱིཨན་དང་ཡུ་ཌེ་མི་ཡན་ཀུན་སྤྱོད།(Nicomachean Ethics andEudemian Ethics) དྷི་པོ་ཨེ་ཊི་ཀ་(De Poetica(peotics)རིཨོ་ཊོ་རིག་(Rhetoric)བཅས་སོ། ད་དུང་སྐྱེ་དངོས་དང་དངོས་ཁམས་ཚན་རིག་སྐོར་དེབ་ཕྲེང་དུ་མ་ཡོད་པ་རེད། དུས་རབསབཅུ་དགུ་པའི་ནང་ཨེ་ཐན་སྲིད་གཞུང་གི་སྐོར་ཡིན་པའི་ཨེ་ཐཱེན་གྱི་རྩ་ཁྲིམས་ཞེས་པ་དེ་རྙེད་སོན་བྱུང་བ་རེད།

ལྟ་གྲུབ། གཏན་ཚིགས་རིག་པ་དང་ཚད་མ་རིག་པ།


ཨེ་རིས྄་ཊོ་ཊལ་་གྱིས་དོ་ནན་པོས་རང་གི་སློབ་གྲའི་ནང་འཁོར་ཡུག་ལ་ཐད་ཀར་རྟོག་ཞིབ་བྱེད་དགོས་ལུགས་མངགས་པདང་ཚན་རིག་སློབ་སྐབས་ཁོང་གིས་གཞུང་ལུགས་གང་འདྲ་ཞིག་ཡིན་རུང་ཚད་མའི་རྒྱབ་རྟེན་དགོས་པར་བསླབས། ཨེ་རིས྄་ཊོ་ཊལ་་གྱིས་དྲི་བརྩད་ཅི་འདྲ་ཞིག་གི་ལན་འཚོལ་ཐབས་སུ་གཏན་ཚིགས་ལོ་ཇིག་ logic2 ནི་ལག་ཆ་མེད་དུ་མི་རུང་བ་ཞིག་ཏུ་འཛིན་པ་དང་། སཡེ་ལོ་ཇི་ཛམ་ (syllogism) མམ་སྒྲུབ་ངག་ཡན་ལག་གསུམ་ལྡན་གྱི་སྒོ་ནས་གཏན་ཚིགས་རིག་པའི་བློར་འཇུག་དགོས་པ་ཡིན། ཁོང་ནི་གཏན་ཚིགས་རིག་པར་ནང་གསེས་ཀྱི་དབྱེ་འབྱེད་དགོས་པའི་དགོངས་ཚུལ་འདོན་མཁན་ཐོག་མ་ཡིནཔ་མ་ཟད་ཚད་མ་ནི་རྫས་དང་། སྤུས་ཚད། གྲངས་འབོར། ལྟོས་འབྲེལ། ནམ་དུས་སྟེང་གི་ངོ་བོ། བྱ་སྤྱོད། མངོན་མིན་གྱི་རང་བཞིན། གནས་བབ་དང་ཆ་རྐྱེན་བཅས་སུ་འབྱེད་དགོས་པར་བསླབས།

ཆོས་གང་ཞིག་གི་གོ་རྟོགས་དབྱེ་འབྱེད་དང་འགྲེལ་བ་ལས་འདས་མཚམས་རྒྱུ་འབྲས་ཀྱི་སྒོ་ནས་འགྲེལ་བརྗོད་བྱེད་དགོས་པཨེ་རིས྄་ཊོ་ཊལ་་གྱིས་གསུངས། ཁོང་གིས་རྒྱུ་བཞིའམ་འགྲེལ་ཚུལ་གྱི་གཞུང་ལུགས་ཞིག་འདོད་དེ་དང་པོ་རྫས་ཀྱི་རྒྱུ་སྟེ་དངོསཔོ་གང་ཞིག་རྫས་གང་གིས་གྲུབ་མིན་ལྟ་བ། གཉིས་པ་གཟུགས་ཀྱི་རྒྱུ་སྟེ་དེའི་དབྱིབས་བཀོད། གསུམ་པ་ལས་ཕྱོད་བྱེད་རྐྱེནཏེ་དེའི་བཟོ་བ་པོ། བཞི་པ་མཐའ་མའི་རྒྱུ་སྟེ་དེའི་དགོས་དོནནམ་བྱེད་ལས་བཅས་སོ། དེང་གི་བསམ་ཚུལ་ལ་ལས་ཕྱོད་བྱེད་རྐྱེན་དེ་དངོས་པོའི་དོན་སྤྱིར་བརྩིས་རུང་ཨེ་རིས྄་ཊོ་ཊལ་་ནསབཞི་པ་མཐའ་མའི་རྒྱུ་དེ་གཙོ་བོར་འཛིན་གྱི་ཡོད།

ཁོང་གིས་དབྱིབས་གཟུགས་དང་བེམ་པོའི་འབྲེལ་བ་དེ་རྒྱུ་འབྲས་ལ་ལྟོས་པ་དང་ཁོང་གི་གྲུབ་དོན་རྣམས་ནི་ཁོང་རང་གི་དགེ་རྒན་པེལེ་ཊོ་དང་ཁྱད་པར་ཆེན་པོ་ཡོད། དབྱིབས་གཟུགས་ནིཨེ་རིས྄་ཊོ་ཊལ་་གྱིས་སྒུལ་མཁན་གཙོ་བོའམ་དཀོན་མཆོག་མ་ཐེ་བའི་བེམ་གཟུགས་རྣམས་ཀྱི་ལྷན་སྐྱེས་སུ་གྲུབ་ཏེ་ཡོད་པ་ལསདེ་ཉིད་རང་སོར་གནས་ཐབས་ཞིག་ནི་བརྟན་དུ་མེད་པར་བཞེད།

དེ་འདྲ་སོང་ཨེ་རིས྄་ཊོ་ཊལ་་གྱི་གཞུང་ལུགས་སུ་དབྱིབས་གཟུགས་དང་བེམ་པོ་གཉིས་ལྷན་དུ་བདེན་པའི་དངོས་པོ་གྲུབ་ཐུབཔ་དང་། ཡང་པེལེ་ཊོའི་གཞུང་ལུགས་སུ་བདེན་པའི་དངོས་པོནི་དབྱིབས་གཟུགས་ཀྱི་ཆ་ཤས་སུ་ཞུགས་པ་ལས་དེའི་ངོ་བོ་མི་འགྱུར་བར་འདོད། ཨེ་རིས྄་ཊོ་ཊལ་་གྱི་དབྱིབས་གཟུགས་ཀྱིསབེམ་པོར་སྒུལ་སྐྱོད་ཀྱི་ནུས་པ་སྤྲོད་པ་དང་སྒུལ་སྐྱོད་ནི་འབེམ་པོ་གང་གི་ནུས་སྟོབས་དངོས་པོ་དེ་ཉིད་དེ་དབྱིབས་སྒུལ་སྐྱོད་རང་ཉིད་ཀྱི་ངོ་བོར་འགྱུར་བར་བཞེད།

བཟང་སྤྱོད་དང་གནད་དོན་གཞན།


ཨེ་རིས྄་ཊོ་ཊལ་ གྱི་ཀུན་སྤྱོད་ཀྱི་གཞུང་ལུགས་ལས་ཁོང་རང་གི་དངོས་ལུགས་རིག་པའི་དཔྱད་པ་རྣམས་ཕྱིར་མངོན་པདང་། པེལེ་ཊོ་ལྟར་ཁོང་གིས་ཀྱང་དངོས་པའི་ཁྱད་གཤིས་རྟོགསཔའི་སྒོ་ནས་དེའི་བཟང་རྟགས་དང་དགེ་མཚན་འཇོག་ཐུབ་པར་བརྩད། ༼མིའི་རང་བཞིན་གྱི་ཁྱད་ཆོས་བཟང་ཤོས་ནི་རྒྱུ་མཚན་གྱི་རྗེས་སུ་མཐུན་པར་སྒྲུབ་པ་དེ་ཡིན།༽ རྒྱུ་མཚན་གྱི་རྗེས་སུ་འབྲངས་རྒྱུར་ཀུན་སྤྱོད་དང་ཤེས་རབ་ཀྱི་ཡོན་ཏན་གཉིས་ཀྱི་ཐབས་ལས་འཇུག་དགོས་པ་དང་། ཨེ་རིས྄་ཊོ་ཊལ་་ གྱིས་གྷི་རིག྄་གི་གནའ་བོའི་ཀུན་སྤྱོད་ཀྱི་ཡོན་ཏན་དེ་མཐའ་གཉིས་སུ་མ་ལྷུང་བའིཐབས་ཤིག་ཏུ་མཐོང་། བདེ་ཐབས་ཡུ་བྲེ་མོ་ནི་ (eudaemonia) ནི་འདོད་ཡོན་ཧེ་གྲོ་ནི་ཛམ་ (hedonism) སྤྱོདཔའི་ཐབས་ཞིག་མིན་པར། དེ་ལས་བཟང་པོ་ནི་གཙོ་བོ་རྟོག་དཔྱོདདང་ཆབ་སྲིད་ཀྱི་བྱེད་སྒོར་ཆ་ཤས་ལེན་རྒྱུ་གཉིས་སུ་འཛིན། ཨེ་རིས྄་ཊོ་ཊལ་་ཁོང་རང་གིས་ཆབ་སྲིད་ཀྱི་ཚོགས་པ་ཆགས་རྒྱུ་ནི་མིའི་རང་བཞིན་ཞིག་ཏུ་འདོད་པ་མ་ཟད་དེ་དག་གི་བཟང་པོའི་ངོབོ་ཅི་འདྲ་ཞིག་ཏུ་འགྱུར་མིན་མྱུལ་ཞིབ་གནང་ཡོད།

ཨེ་རིས྄་ཊོ་ཊལ་་གྱི་ལྟ་གྲུབ།


རོམ་གྱི་མངའ་ཐང་ཉམས་པའི་རྗེས་ཨེ་རིས྄་ཊོ་ཊལ་་གྱི་ཕྱག་ལསརྣམས་ནུབ་ཕྱོགས་སུ་རྩ་བརླག་ཏུ་ཕྱིན་པ་རེད། འོན་ཀྱང་བརྒྱཕྲག་དགུ་པའི་ནང་ཨེ་རབ་མཁས་པ་རྣམས་ཀྱིས་ཁ་ཆེའི་ཆོས་ལུགས་དང་རིང་ལུགས་བཅས་པར་ཨེ་རིས྄་ཊོ་ཊལ་་ངོ་སྤྲོད་བྱུངརྗེས་གྲུབ་མཐའ་དང་རང་བྱུང་ཚན་རིག་མང་པོ་ཞིག་ཨེ་རིས྄་ཊོ་ཊལ་་གྱི་གྲུབ་མཐའི་རྗེས་སུ་བསྙེགས། ནུབ་ཕྱོགས་སུ་ཨེ་རིས྄་ཊོ་ཊལ་་གྱི་ལྟ་གྲུབ་རྣམས་སླར་ཡང་དར་སྤེལ་བྱུང་བ་ནི་ཕལ་ཆེར་ཨཱ་རབ་དང་ཇིའུ་མཁས་དབང་རྣམས་ཀྱི་ཐོག་ནས་བྱུང་བ་ཞིག་རེད། ཁོང་གི་ཕྱག་ལས་རྣམས་བརྒྱ་ཕྲག་བར་པའི་མཁས་པའི་རིང་ལུགས་ཀྱི་ལྟ་བའི་གཞི་གདན་ལྟ་བུར་ཆགས། བླ་ཆེན་ཐོ་མས྄་ཨ་ཁྱི་ནས྄་ (Thomas Aquinas)བརྒྱུད་རོ་མན་ཀེ་ཐོ་ལིགདཀོན་མཆོག་གནས་ལུགས་ལས་ཨེ་རིས྄་ཊོ་ཊལ་་གྱི་ཤུགས་རྐྱེན་མངོན་ཐུབ། དེ་ནས་དུས་རབས་ཉི་ཤུ་པའི་ནང་དུའང་གྲུབ་མཐའིཐོག་ཨེ་རིས྄་ཊོ་ཊལ་་གྱི་ཤུགས་རྐྱེན་སླར་གསོ་བྱུང་བ་དང་། ཁོངགི་བྱུང་བ་དགོས་གྲུབ་སྨྲ་བའི་ལྟ་བའི་ཐབས་ལམ་དེ་མུ་མཐུད་དུ་སྐྱེ་དངོས་ཚན་རིག་གིས་སྲོག་རྩར་གནས་རུང་དུས་རབས་བཅུབདུན་གྱི་ཚན་རིག་གསར་བརྗེའི་རྗེས་དངོས་ཁམས་ཚན་རིག་ལས་ལྟ་བ་དེ་རྩ་གཏོར་དུ་ཕྱིན་པ་རེད། ད་དུང་ཊོ་ལེ་མི་(Ptolemy)ཡིས་རྒྱས་བཤད་མཛད་པའི་ཨེ་རིས྄་ཊོ་ཊལ་གྱི་གཟའ་སྐར་དཔྱད་རིག་གི་ཕྱག་ལས་རྣམས་ཀོ་ཕོར་ནི་ཀུས྄་དངགྷེ་ལེ་ལིཨོ་གཉིས་ཀྱི་འཚོལ་ཞིབ་ཀྱིས་རྩོད་གཞིའི་གནད་དོན་ཞིགཏུ་གྱུར་པ་རེད། །

1ཨེ་ཁེ་ཌེ་མི། དེ་ནི་ཡི་ཤུའི་འདས་པའི་ལོ་ ༣༨༧ པེལེ་ཊོ་ཡིས་ཨེ་ཐེན་གྱི་ཉེ་འདབས་སུ་བཙུགས་པའི་སློབ་གཉེར་ཁང་ཞིག་དང་།དེར་དཔའ་རྒོད་ཨེ་ཁེ་ཌེ་མེས྄་ཡི་རྗེས་སུ་མིང་གསོལ་བའི་ལྡུམ་རྭ་ཞིག་ཡོད་པ་དེ་ལས་སློབ་གྲྭ་དེའི་མིང་འདོགས་ཆགས། བརྒྱ་ཕྲག་དགུ་ཙམ་གྱི་དུས་ཡུན་རིང་དེར་ཆོས་བརྒྱུད་ཆུང་བ་རྣམས་དང་ལྷན་དུ་པེ་ལེ་ཊོ་ཡི་རྗེས་སློབ་རྣམས་དེ་གར་འཛོམས་ཡོད་རུང་ཡི་ཤུའི་འདས་ལོ་རྗེས་ ༥༢༩ལོར་མངའ་བདག་ཇས྄་ཊི་ནི་ཨན་གྱིས་སློབ་གཉེར་ཁང་དེ་སྒོ་རྒྱག་ཏུ་བཅུགཔ་རེད། ཨེ་ཁེ་ཌེ་མི་ནི་ཕོ་རོཁ་ལས྄་(Proclus)འོག་གི་པེ་ལེ་ཊོའི་གྲུབ་མཐའ་གསར་མ་དང་བཅས་པེ་ལེ་ཊོའི་གྲུབ་མཐའ་ཡོངས་མཚོན་བྱེད་ཀྱིབསྟི་གནས་ཞིག་ཏུ་གྱུར་ཡོད།

2 ལོ་ཇིག ཚད་མའི་དཔྱོད་རྒྱུན་གྱི་རིག་པ་ཞིག

Post a Comment

Previous Post Next Post