སྤྱིར་གློག་ཀླད་གང་འདྲ་ཞིག་ཡིན་རུང་དེའིནང་གནས་ཚུལ་དང་བརྡ་འཕྲིན་སྐྱེལ་འདྲེན་བཀོལ་སྤྱོད་བྱེད་མཁན་གཙོ་བོ་ནི་དེའི་ནང་གི་ཅིབ་[chip] ཟེར་བ་དེ་ཡིན། དེ་ནི་སྟར་གཟུགས་[transistor]སྟོང་ཕྲག་མང་པོ་སྒྲིག་ཏེ་སྒྲུབ་པ་ཞིག་རེད། སྟར་གཟུགས་དེ་ནི་སི་ལོ་ཀོན་[silicon] དང་རྫས་འདྲ་མིན་བསྲེས་སྦྱོར་བྱས་ཏེ་བཟོས་པ་ཤ་སྟག་ཡིན། ཉེ་ཆར་ ༢༠༠༨ ཟླ་བ་དང་པོའི་ནང་ཨིན་ཊལ་[Intel] ཚོགས་པས་སྟར་གཟུགས་དེ་དེ་སྔ་སྤྱོད་པའི་སི་ལི་ཀོན་རྫས་ཀྱི་ཚབ་ཏུ་ལྕགས་རིགས་ཧེབ་ནིཡམ་བེད་སྤྱོད་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། རྫས་འདིའི་བྱེད་ལས་གཙོ་བོ་ནི་གློག་ཁུར་གཏོང་ལེན་གྱི་སྟངས་འཛིན་བྱེད་པ་རེད། ཇི་ཙམ་གྱི་སྟངས་འཛིན་མྱུར་བར་བྱེད་ཐུབ་པ་དེ་ཚོད་ཀྱིས་སྟར་གཟུགས་དེ་བཟང་བ་བརྩི་ཡི་ཡོད། རྫས་གསར་པ་འདིའི་གློག་ཁུར་དེ་སྔའི་སྟར་གཟུགས་ལས་ཉུང་བ་འཛག་པ་དེས་གློག་འགྲོ་ཆུང་བའི་དགེ་མཚན་ཡང་ཡོད་པ་རེད། མ་ཟད་སྟར་གཟུགས་བཟོ་མཁན་ཚོགས་པའི་བར་གྱི་འགྲན་རྩོད་གཙོ་བོ་ནི་ཆེ་ཚད་ཀྱི་འགྲན་རྩོད་ཡིན་པས་གང་ཆུང་ཆུང་བཟོ་བའི་ཐབས་ལ་འབད་ཀྱི་ཡོད། ད་ལམ་ཨིན་ཊལ་གྱི་སྟར་གཟུགས་རྫས་གསར་འདིས་ཆེ་ཚད་དེ་སྔའི་ཚད་ནེ་ནོ་མིཊར་[Nanometer] ༦༥ ནས་ ༤༥ བར་ཆུང་དུ་གཏོང་ཐུབ་ཀྱི་ཡོད་པ་བཤད་ཡོད། ཨིན་ཊལ་གྱི་འགྲན་ཟླ་གཙོ་བོ་ཨཡེ་བྷི་ཨེམ་[IBM] ནས་ཀྱང་གང་མྱུར་འདི་ལྟའི་སྟར་གཟུགས་ཤིག་རྗེས་ལོར་སྟོན་འཆར་ཡོད་པ་བཤད་འདུག །ནེ་ནོ་མིཊར་ཏེ་མི་ཊར་གཅིག་ཐེར་འབུམ་གཅིག་ལ་བགོས་པའི་ཆ་གཅིག་ཡིན།

Post a Comment