༼༡༥༧༡ ་ ༡༦༣༠༽ Johannes Kepler
དུས་རབས་བཅུ་དྲུག་པའི་ནང་ཇར་མཱན་མི་རིགས་ཡིན་པའིསྐར་དཔྱད་རིག་པ་དང་ལྟ་གྲུབ་མཁས་དབང་ཇོ་ཧེ་ནེས྄་ཀེཔ་ལཱར་ཞེས་པ་ཞིག་བྱུང་། ཁོང་ལ་འཇིག་རྟེན་ཁམས་ཀྱི་ནངགཟའི་འཁོར་སྐྱོད་ཐད་ཤེས་རྟོགས་ཧ་ལས་པ་ཡོད་པ་མ་ཟད་དེའིཐོག་ཁྲིམས་ཀྱི་རིམ་པ་གསུམ་བཤད་ཡོད་པས་ཁྲིམས་ཀྱི་རིམ་པ་གསུམ་པོ་དེ་ལ་ཀེཔ་ལར་གྱི་ཁྲིམས་ཞེས་ཟེར།
ཁོང་ནི་ཕྱི་ལོ་ ༡༥༧༡ ཟླ་ ༡༢ ཚེས་ ༢༧ ཉིན་ཡུལ་ལྭུར་ཊེམ་བཀ་ གི་ས་གནས་ལྭེལ་ཊར་ཊཌ་(Weil der Stadt )ལ་སྐུ་འཁྲུངས་པ་དང་ཊུ་བིན་ཇེན་གཙུག་ལག་སློབ་གཉེར་(University of Tbingen )ཁང་དུ་ཆོས་ལུགས་ཀྱི་རྣམ་གཞགདང་སྔ་རབས་ཀྱི་བསྟན་བཅོས་ཐོག་སློབ་གཉེར་གནང་བ་རེད། ཀེཔ་ལར་ཁོང་ལ་གཙུག་ལག་སློབ་གྲྭ་འདིའི་ནང་ཨང་རྩིས་སློབདཔོན་ཆེན་མོ་མ་ཡི་ཀལ་མེས་ཊི་ལིན་(Michael Maestlin )གྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་དང། སློབ་དཔོན་ཆེན་ མོ་ཁོང་ནི་སྤྱིར་སྐར་དཔྱད་མཁན ནེ་ཁོ་ལས་ ཀོ་པར་ནི་ཀཱས་ལགས་ཀྱིས་གསུངས་པའི་ཉི་མ་འཁོར་གཞི་ལྟེ་བར་བརྩི་བའི་རྒྱུསྐར་གྱི་ཆགས་རིམ་རྩི་ཚུལ་ལ་ཁས་ལེན་བྱེད་མཁན་ཞིག་ཡིནཔ་ དང་ཀེཔ་ལར་ཁོང་ནས་ཀྱང་ལྟ་ཚུལ་འདི་ལྷའི་འཆར་བཀོད་ཅིག་ཏུ་ངོས་འཛིན་གྱིས་ལམ་སེང་ཁས་ལེན་ཞུས་པ་རེད།
ཕྱི་ལོ་ ༡༥༩༤ ལོར་ཁོང་ ཊུ་བིན་ཇེན་ ནས་ ཡུལ་ཨོས་ཌི་རི་ཡ་ལ་གནས་སྤོས་བྱས་པ་དང་འདིར་ཁོང་ནས་མགོ་རྙོགཅན་གྱི་ཐིག་རྩིས་རིག་པའི་ཚོད་གཞག་རྣམས་བེད་སྤྱོད་བྱསནས་ གཟའི་འཁོར་ལམ་བར་གྱི་བར་ཐག་འཚོལ་ཐབས་ཀྱིཕྱག་ལས་མང་པོ་གནང་བ་རེད། དུས་དེ་བར་ཁོང་ནས་གཟའ་རྣམས་ཀྱི་འཁོར་ལམ་དེ་སྒོར་མོ་ཞིག་ཏུ་འཛིན་གྱི་ཡོད་པ་དང་། ཡིན་ནའང་ཁོང་ནས་གཟའི་འཁོར་ལམ་རྣམས་སྒོང་དབྱིབས་ཅན་ཡིན་པར་རྗེས་སུ་ཤེས་རྟོགས་བྱུང་ཡོད། ཁོང་གིས་ཉི་མ་ནས་ཤུགས་ཤིག་ཐོན་གྱི་ཡོད་པ་དེ་ཡིས་གཟའ་རྣམས་རངགི་འཁོར་ལམ་དུ་འཁོར་སྐྱོད་དུ་འཇུག་པ་དང་ཤུགས་དེ་ནི་གཟའ་རྣམས་ཉི་མ་ལས་ཇི་ཙམ་ཐག་རིང་བར་གནས་ཡོད་པ་དེ་ཙམ་གྱིས་ཞན་པར་སླེབས་ཀྱི་ཡོད་བཅས་བློ་འདོན་བྱས་ཡོད།
ཕྱི་ལོ་ ༡༥༩༦ ལོར་ཁོང་ནས་རང་གི་བརྩམས་ཆོས་རྣམས་འཇིག་རྟེན་ཁམས་ཀྱི་གསང་བ་ཞེས་པའི་བསྟན་བཅོས་ནངདཔར་སྐྲུན་བྱས་པ་དང་དེའི་ནང་ཁོང་ནས་གཙོ་བོ་ཀོ་པར་ནི་ཁེས་རྣམ་གཞག་གི་ཐིག་རྩིས་རིག་པའི་ཕན་ཡོན་ཐོག་མར་བརྗོད་ཡོད། ཕྱི་ལོ་ ༡༥༩༤ ནས་ ༡༦༠༠ བར་ཁོང་གྷ་རཛ་མཐོ་རིམ་སློབ་གྲྭར་(University of Graz ) སྐར་རྩིས་གཉིས་ཀྱི་དགེ་རྒན་གནང་བ་དང་དེ་ནས་ཌེ་ནིཤ་སྐར་དཔྱད་པ་ཊཱ་ཁོ་བ་རེ་ཧེ་(TychoBrahe)ཡི་བརྟག་དཔྱད་ཁང་དུ་ཁོང་གི་ཕྱག་རོགས་གནང་བ་རེད། ཕྱི་ལོ་ ༡༦༠༡ ལོར་སྐར་དཔྱད་པ་ཁོང་འདས་གྲོངས་ཕྱིནཔའི་རྗེས་སུ་ཀེཔ་ལར་ཁོང་ཉིད་བ་རེ་ཧེའི་གོ་གནས་སུ་སླེབས་པདང་རྩ་ཆེ་བའི་རོ་མན་རྒྱལ་པོ་རུ་ཌོཕ་གཉིས་པའི་དུས་ཀྱི་སྐར་རྩིས་ཀྱི་སློབ་དཔོན་ཆགས་པ་རེད། དུས་རབས་དེའི་ནངཁོང་གི་ཕྱག་ལས་གཙོ་བོ་སྐར་དཔྱད་རིག་པའི་ཐོག་གནང་ཡོདཔ་དང་ཕྱི་ལོ་ ༡༦༠༩ ནང་ཁོང་ནས་དཀའ་སྡུག་ཚད་མེད་མྱངབའི་ཐོག་ནས་གཟའ་མིག་དམར་གྱི་འཁོར་ལམ་ཐོག་སྐར་དཔྱད་རིག་གསར་ཞེས་པའི་བསྟན་བཅོས་ཤིག་བརྩམས་གནང་ཡོད། ཀེཔ་ལར་གྱི་གཟའི་འཁོར་སྐྱོད་ཀྱི་ཁྲིམས་གསུམ་ནང་ནས་ཁྲིམས་གཉིས་བསྟན་བཅོས་འདིའི་ནང་གསུངས་ཡོད། ཉི་མ་དེ་འདུས་མཚམས་གཅིག་ཏུ་གནས་ནས་གཟའ་རྣམས་དེར་སྒོངདབྱིབས་ཅན་གྱི་འཁོར་ལམ་ཐོག་འཁོར་བ་དེ་ནི་ཁོང་གི་ཁྲིམསདང་པོ་ཡིན་པ་དང་ཁྲིམས་གཉིས་པ་ནི་གཟའ་རྣམས་ཉི་མར་ཇི་ཙམ་གྱི་ཉེ་བར་ཡོད་པ་དེ་ཙམ་གྱི་རང་གི་འཁོར་སྐྱོད་དེ་མྱུར་བ་ཡོད་ཅེས་པ་དེ་ཡིན། ཕྱི་ལོ་ ༡༦༡༢ ལོར་ཀེཔ་ལཱར་ཁོང་ཡུལ་ཨོས་ཊི་རི་ཡེའི་སྟོད་ཀྱི་ཨང་རྩིས་མཁས་དབང་ཆགས་པ་དང་། ཕྱི་ལོ་ ༡༦༡༩ ལོར་ཁོང་ནས་འཛམ་གླིང་གི་མཐུན་གཤིབ་ཅེསཔའི་བརྩམས་ཆོས་ཤིག་བརྩམས་པས་འདིའི་སྡེ་ཚན་མཐའ་མའིནང་ཁོང་ལ་གཟའི་འཁོར་སྐྱོད་ཐད་གནས་ཚུལ་གསར་པ་ཞིགབརྙེད་པ་བསྟན་ཡོད། ཁོང་གིས་གཟའི་ཉི་མར་འཁོར་སྐྱོད་བྱེད་པའི་དུས་ཡུན་དེ་ཉི་མ་དང་བར་ཐག་རིང་ཐུང་ལ་ལྟོས་ནས་འགྱུར་བ་འགྲོ་ཡི་ཡོད། དེར་རྟེན་གཟའ་གང་ཡིན་ཡང་རངདང་ཉི་མའི་བར་གྱི་རྒྱང་ཐག་དང་ཉི་མར་འཁོར་སྐྱོད་བྱེད་པའིདུས་ཡུན་བར་གྱི་བསྡུར་ཚད་དེ་རྟག་ཏུ་གཅིག་མཚུངས་ཡིན། དཔེར་ན། གཟའ་འགའ་ཤིག་ཉི་མ་ལས་ཧ་ཅང་ཐག་རིངཔོ་ཡོད་པས་དེའི་འཁོར་ཡུན་ཡང་འདི་ཙམ་གྱི་རིང་བ་ཡོདཔ་དང། ཡང་ཁ་ཤས་ཉི་མ་དང་ཉེ་བར་གནས་ཡོད་པསསྐོར་བ་ཡང་མགྱོགས་པོ་རྒྱག་གི་ཡོད་ཅེས་གསུངས་ཡོད།
ཁོང་ནས་གསུངས་པའི་ཁྲིམས་གསུམ་པོ་དེས་གནའ་རབས་དུས་རབས་གཉིས་པའི་མཁས་དབང་ཊོ་ལེ་མིའི་རིག་པའི་ནང་གཟའ་རྣམས་ཀྱི་འཁོར་ལམ་དེ་སྒོར་མོའི་དབྱིབས་ཅན་ཞིག་ཏུ་འཛིནཔ འི་ཡིད་ཆེས་དེ་ལ་འགལ་ཟླ་ལྟ་བུར་གྱུར་པ་རེད། བར་སྣངནང་གི་གཟའ་རྣམས་ཁོ་ནར་མིན་པར་ཟླ་བ་དང་མིས་བཟོས་སྲུངསྐར་བཅས་ཀྱི་འཁོར་ལམ་ཤེས་རྟོགས་ཐད་ལའང་ཁྲིམས་གསུམ་ པོ་དེ་གལ་ཆེན་པོ་ཡིན། དེ་དང་དུས་མཉམ་དུ་ཁོང་ནས་རངགིས་གསར་གཏོད་དུ་མ་ཡོད་པ་རྣམས་གླེགས་བམ་གཅིག་ཏུ་འདུས་པའི་ ཀོ་པར་ནི་ཁཱེན་སྐར་དཔྱད་རིག་པའི་ཕྱོགས་བསྡུས་ ཅེས་པའི་དེབ་ཞིག་ལོ་གསུམ་རྗེས་དཔར་བསྐྲུན་ཞུས་པ་རེད།
གལ་གནད་གཞན་ཞིག་ལ་དེབ་འདི་སྐར་དཔྱད་རིག་པའི་ནང་ཀོ་པར་ནི་ཁེས་རྩ་དོན་འཛིན་པའི་དེབ་ཐོག་མར་དེ་ཡིན་པདང་ལོ་བཅུ་ཕྲག་གསུམ་རིང་དེབ་འདིའི་ཤུགས་རྐྱེན་གྱི་སྐར་དཔྱད་རིག་པ་མང་པོ་ཀེཔ་ལེ་རེན་ཁོ་པར་ནི་ཁེས་(Keplerian-Copernicanism) རིག་པ་རྒྱུད་འཛིན་མཁན་དུ་གྱུར་ཡོད།ཁོང་གི་མི་ཚེའི་ནང་གི་ཕྱག་ལས་མཐའ་མ་དེ་ཕྱི་ལོ་ ༡༦༢༥ནང་གི་རུ་ཌོལ་ཕཱན་རེའུ་མིག་ཅེས་པའི་བརྩམས་ཆོས་དེ་ཡིན། བརྩམས་ཆོས་འདིའི་ནང་གཙོ་བོ་བ་རེ་ཧེའི་གནས་བསྡུས་གཞི་འཛིན་ནས་གཟའ་རྣམས་ཀྱི་གནས་རང་རང་སོ་སོར་བརྙེད་ཐུབཔ་རེད། མ་ཟད་དབྱིན་ཇིའི་སྐར་རྩིས་མཁས་དབང་ཨ་ཡི་སེཀ་ནིའུ་ཊོན་ནས་ཀྱང་རང་གི་གསར་གཏོད་བྱས་པའི་འཐེན་ཤུགས་ཀྱི་རྣམ་གཞག་ཐད་ཀེཔ་ལར་གྱི་རྣམ་གཞག་དང་ཞིབ་འཇུགརྣམས་བེད་སྤྱད་ནས་ཕན་ཐོགས་ཆེན་པོ་བྱུང་ཡོད། ཕྱི་ལོ་ ༡༦༣༠ ཟླ་ ༡༡ ཚེས་ ༡༥ ཉིན་ཡུལ་རེ་ཇེན་བཱཀ་དུདགོངས་པ་ོགས་སོ།།
Post a Comment