ཡེལ་གཙུག་ལག་སློབ་གྲ་ཆེན་མོའི་སྨན་གྱི་སྡེ་ཚན་ནང་དབང་རྩའི་ཚན་རིག་གི་སློབདཔོན། ཌ་ན་ཨེམ་སི་མོལ་(Dana M.Small)ལགས་ཀྱིས། ཀླད་པས་རོ་གང་ཞིག་མྱོངབ་དེ་སྤྱིར་ཁ་ལག་དེའི་དྲོ་བ་དང་། དྲི་མ། རེག་བྱ་བཅས་གསུམ་ག་ལ་རག་ལས་ཡོད་པདང་། དེ་དག་རེ་རེས་ཟས་དེའི་སྤྱི་ཡོངས་ཀྱི་རོའམ་དྲོ་བ་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད་ཅེས་གསུངས། ཁ་དོག་དང་། དྲི། རེག་བྱ་གསུམ་ག་ཟས་ཀྱི་རོའི་ཆ་ཤས་སུ་གྱུར་པ་ཡིན། ཟས་གང་ཡིན་ཡང་དེའི་རོ་ཇི་བཞིན་མྱོང་བ་ལ་དེའི་གཟུགས་དབྱིབས་དང་དྲིས་མཐུན་རྐྱེན་བྱེད་ཀྱི་ཡོད། ང་ཚོས་སྤྱིར་གང་ཞིག་བཟའ་བའམ་བཏུང་བ་དེའི་རོ་མྱོང་བ་དེ་གཙོབོ་ལྕེའི་སྟེང་གི་རོ་བྱེ་བྲག་པ་རེ་རེ་མྱོང་ཆེད་ཀྱི་དབང་རྩའི་ཕྲ་ཕུང་ལ་རག་ལས་ཡོད། དཔེར་ན་མངར་བ་དང་། སྐྱུར་བ། ཁ་བ་ལྟ་བུ་ཡིན། རོ་མྱོང་ཆེད་ཀྱི་དབང་རྩའི་ཕྲཕུང་གི་འགྲམ་དུ་ཕྲ་ཕུང་གཞན་མང་པོ་ཡོད་པ་དེ་དག་གིས་ཟས་ཀྱི་ཚ་དྲོད་དང་སྨན་སྣ་མང་ཉུང། འཇམ་རྩུབ་ཀྱི་ཁྱད་པར་སོགས་ཤེས་ཚོར་ཐུབ་ཀྱི་ཡོད། སྤྱིར་བཏང་ནས་ཁའིནང་ལ་དྲི་ཚོར་བྱེད་ཀྱི་ཕྲ་ཕུང་དེ་དག་མེད་ནའང་དྲི་དེ་ཁ་ནས་ཡོང་གི་ཡོད་པ་ལྟར་སྣངགི་ཡོད། འདི་ལྟར་སྣང་དགོས་ཚུལ་ནི་སྣའི་སྦུ་གའི་མཇུག་ཏུ་ཡོད་པའི་ཕྲ་ཕུང་རྣམས་ལ་སྐུལ་མ་ཐེབས་ཙང་ཡིན། དྲི་ཚོར་བྱེད་ཀྱི་ཕྲ་ཕུང་དེ་དག་གིས་སྐུལ་མ་ཐེབས་ཚར་བའི་རྗེས་སུ་བརྡ་དེ་བྱ་རིམ་བྱེ་བྲག་པ་ཞིག་གི་བརྒྱུད་ནས་ཁའི་ནང་སླེབས་ཀྱི་ཡོད། དྲི་ཚོར་བའི་ཐབས་ལམ་འདི་ལ་བརྟེན་ནས་རོ་མྱོང་བར་ཤུགས་རྐྱེན་ཐེབས་ཀྱི་ཡོད། རོ་དངོས་སུ་མྱོང་བར་བྱེད་པ་ལ་དྲིས་ཤུགས་རྐྱེན་སྤྲད་པ་ནང་བཞིན་མིག་གི་མཐོང་བྱེད་ཀྱི་ཐད་ཀར་ཤུགས་རྐྱེན་སྤྱོད་ཐུབ་ཀྱི་མེད། མིག་གིས་གཙོ་བོ་ཟས་རྣམས་ངོས་འཛིན་བྱེད་པ་དང་དེ་ལས་ཟས་གང་ཡིན་པ་དང་དེའི་ཁྱད་ཆོས་ཇི་འདྲ་ཡོད་མིན་སོགས་ཀྱི་གནས་ཚུལ་བརྡ་སྤྲོད་བྱེད་ཀྱི་ཡོད། ཚན་རིག་གི་བརྟག་དཔྱད་ལམ་ནས་ཤེས་རྟོགས་བྱུང་བའི་གནད་དོན་ཞིག་ནི། ཟསདང་ཆང་རག་སོགས་ཀྱི་ཁ་དོག་དང་གཟུགས་དབྱིབས་ཀྱིས་དེའི་རོ་ཇི་ལྟར་མྱོང་མིན་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་དེ་ཡིན།

Post a Comment