གས་སྒྲ་ཆེན་མོའི་གྲུབ་དོན་དང་དེང་དུས་ཚན་རིག་པ་སྤྱིའི་ཡོངས་གྲགས་འདོད་ཚུལ་ལྟར་བྱས་ན་འཇིག་རྟེན་ཁམས་བྱུང་ནས་ལོ་ངོ་ཐེར་འབུམ་བཅུ་གསུམ་དང་གྲངས་ཆུང་བདུན་ལྷག་ཕྱིན་ཡོད། དེ་རྗེས་རིམ་བཞིན་སྐར་ཚོགས་དང་ཉི་མའི་ཁྱིམ་བརྒྱུད། དེར་གནས་སྲོག་ཆགས་ཀྱི་འགྲོ་བ་སོགས་བྱུང་སྟེ་སྤྱི་ཚོགས་ཀྱི་འཕེལ་རྒྱས་རིམ་བཞིན་གོང་མཐོར་སོང་ནས་མཐར་ད་ལྟའི་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་ང་ཚོས་འདས་དོན་ལ་ཕྱིར་ལྟས་ཀྱི་གནས་ཚུལ་འདི་དག་སྐོར་གཏམ་བཤད་དང་བགྲོ་གླེང་བྱེད་རྒྱུ་བྱུང་བ་རེད། འོན་ཀྱང་ང་ཚོའི་འདིག་རྟེན་གྱི་ལོ་ཚད་དང་དེའི་ནང་རིམ་བཞིན་བྱུང་བའི་གནད་དོན་དེ་དག་བར་དུས་ཡུན་ཧ་ཅང་རིང་བས་དེ་དག་ང་ཚོའི་བློ་ཡུལ་དུ་ཤོང་དཀའ་བ་ཞིག་ཡིན། དེར་བརྟེན་གཤམ་དུ་གསལ་བའི་ལོ་ཐོ་འདིའི་ནང་འཇིག་རྟེན་ཁམས་ཀྱི་ལོ་ཚད་ཐེར་འབུམ་བཅུ་གསུམ་དང་གྲངས་ཆུང་བདུན་ལྷག་ཡིན་པ་དེ་ལོ་གཅིག་གི་དུས་ཡུན་ཐོག་ཕབ་ནས་དེའི་ནང་གི་གལ་ཆེའི་བྱུང་བ་དག་ཟླ་ཚེས་གང་དུ་བྱུང་མིན་བསྟན་ཡོད། མ་ཟད་ཐེར་འབུམ་བཅུ་གསུམ་དང་གྲངས་ཆུང་བདུན་དེ་བཞིན་རྩིས་བདེ་བའི་ཆེད་ཐེར་འབུམ་བཅུ་བཞིར་རོབ་བརྩིས་བྱས་ནས་འདྲ་རིས་ནང་གྲངས་ཀྱི་བརྩི་གཞི་དེ་༡༤༠༠༠༠༠༠༠༠༠ཿ༡ལ་བསྒྱུར་ཡོད། དཔེར་ན་ཚེ་ཚད་ལོ་གྲངས་༨༠ཡིན་པའི་སྐྱེ་བོ་ཞིག་ལ་མཚོན་ན། རྩི་གཞི་འདི་ལྟར་བྱས་ཚེ་ཁོང་གི་ཚེ་ཚད་དེ་སྐར་ཆ་གཅིག་གྲངས་བཅུ་ལ་བགོས་པའི་ཆ་གཉིས་ཡིན།

Post a Comment