གཅིན་སྙིའི་ནད་གཞི་ནི་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་ནད་གཞི་ཞིག་དང་རྒྱ་གར་ཁོ་ནའི་ནང་ནད་གཞི་འདི་ཕོག་པའི་མི་སྣ་ས་ཡ་བཞི་བཅུ་ལྷག་ཡོད། ནད་གཞི་འདི་གཙང་དྲག་ཡོང་རྒྱུ་ཤིན་ཏུ་དཀའ་བས་ནད་པ་མང་དག་ཅིག་ཉིན་ལྟར་སྨན་ཁབ་ཐེངས་མང་རྒྱག་དགོས་ཀྱང་། ད་ལྟ་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་ཚན་རིག་སྡེ་ཁག་གཅིག་གིས་སྨན་ཁབ་གསར་པ་ཞིག་བཟོ་སྐྲུན་བྱས་ཡོད་པ་དང། ཁོང་ཚོས་བཤད་པར་གཞིགས་ན་སྨན་ཁབ་དེ་ཟླ་བ་གཉིས་གསུམ་ནང་གཅིག་ལས་རྒྱག་མི་དགོས། འོན་ཀྱང་སྨན་ཁབ་འདི་ད་ཆ་ཚོད་ལྟའི་རིམ་པར་ཡོད་སྟབས་དངོས་སུ་གྲུབ་འབྲས་ཇི་ཡོང་བཤད་དཀའ་ཡང། ཙི་ཙིའི་ཐོག་ཚོད་ལྟ་བྱེད་སྐབས་སྨན་གྱི་ནུས་པ་ཉིན་༡༢༠ཙམ་གནས་ཐུབ་པ་རྙེད་ཡོད། སྤྱིར་ནད་གཞི་འདིའི་བཅོས་ཐབས་སུ་ཁྲག་ནང་ཡོད་པའི་མངར་རྫས་འཇུ་བྱེད་ཨིན་སུ་ལིན་ (insulin) ཞེས་པའི་རྫས་ཀྱི་ཁབ་རྒྱག་དགོས་ཀྱང་ད་ལྟ་ཡོད་བཞིན་པའི་ཨིན་སུ་ལིན་དེ་དག་ཉིན་རེར་ཐེངས་གསུམ་ཙམ་རྒྱག་དགོས་ཀྱི་ཡོད། ད་ལྟ་གསར་རྙེད་བྱུང་བ་ནི་ཨིན་སུ་ལིན་རྫས་འདིའི་གཟུགས་ཕྲན་བུ་མི་འདྲ་བ་ཞིག་ཡིན་པ་དང། ཉམས་ཞིབ་འདིར་ལོ་གསུམ་ལྷག་འགོར་བ་དང་རྒྱ་དངུལ་ས་ཡ་བརྒྱ་ལྷག་གི་འགྲོ་སོང་བཏང་ཡོད། ཉམས་ཞིབ་ཀྱི་གྲུབ་འབྲས་རྣམས་ཨ་རིའི་སྨན་གྱི་བཟོ་གྲྭ་ཞིག་ལ་བཙོང་ཟིན་པ་དང་མི་རིང་བར་མིའི་སྟེང་ཚོད་ལྟ་བྱེད་རྒྱུ་ཡིན་འདུག

Post a Comment