བསྟན་འཛིན་དཔལ་སྒྲོན།(སྡེ་ཚན་འགན་འཛིན།)


རྡ་ཤོད་བོད་ཁྱིམ་དང་རྡ་སྟེང་བོད་ཁྱིམ་ནས་ཚན་རིག་ཐོག་གཞི་རིམ་སློབ་གྲྭ་འགྲིམས་པ་དང༌། ལྡི་ལི་མཐོ་སློབ་ནས་སྐྱེ་ལྡན་(སེམས་
ཅན)ཚན་རིག་སློབ་མཐར་ཕྱིན་པ་དང་། ཕྱི་ལོ་ ༢༠༠༦ ནས་ད་བར་འདི་ག་ཚན་རིག་སྡེ་ཚན་ནང་ཕྱག་ལས་གནང་མུས་ཡིན།

གློག་འཕྲིན་ཁ་བྱང་། 
tpaldonkinga@gmail.com



ཚེ་དབང་རིག་འཛིན།

ཕྱི་ལོ་ ༡༩༩༩ ལོར་བོད་ནས་རྒྱ་གར་ནང་གསར་དུ་འབྱོར། བོད་ཕྲུག་ཁྱིམ་སྡེ་ནས་ཕྱི་ལོ་ ༢༠༡༢ ལོར་འཛིན་རིམ་བཅུ་གཉིས་ཀྱི་བསླབ་པ་མཐར་སོན་བྱུང་། དེ་རྗེས་ལོ་ལྔའི་རིང་ལྡི་ལི་གཙུག་ལག་སློབ་གཉེར་ཁང་དུ་སྐྱེ་ལྡན་ཚན་རིག་ཐོག་སློབ་སྦྱོང་གནང་། ཕྱི་ལོ་ ༢༠༡༧ ལོར་བོད་ཀྱི་དཔེ་མཛོད་ཁང་གི་ཚན་རིག་སྡེ་ཚན་ནང་ཕྱག་ལས་གནང་འགོ་བཙུགས།


གློག་འཕྲིན་ཁ་བྱང་། 
tsewangrinzin01@gmail.com



བསྟན་འཛིན་བློ་བཟང་།  


ངས་སྤྱི་ལོ་ ༢༠༡༠ ལོར་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་ནས་འཛིན་རིམ་བཅུ་པ་ཐོན་པ་དང་། དེ་རྗེས་སྤྱི་ལོ་ ༢༠༡༢ ལོར་སེ་ལ་ཀུའི་བོད་ཕྲུག་ཁྱིམ་སྡེ་ནས་ཚན་རིག་ཐོག་འཛིན་རིམ་བཅུ་གཉིས་ཐོན། སྤྱི་ལོ་ ༢༠༡༦ ལོར་བྷིལ་ལ་སི་པུར་གཞུང་གི་འཕྲུལ་ལས་སློབ་གྲྭ་ཆེན་མོ་ནས་འཕྲུལ་ལས་རིག་པའི་གཙུག་ལག་རབ་འབྱམས་པའི་ཤེས་ཚད་ཐོན། ད་ལྟའི་ཆར་བོད་ཀྱི་དཔེ་མཛོད་ཁང་དུ་ལས་ཀ་བྱེད་བཞིན་ཡོད།

གློག་འཕྲིན་ཁ་བྱང་།      
zinsang67@gmail.com


འཕྲིན་ལས་དབང་འདུས།


ཕྱི་ལོ་ ༢༠༠༧ ལོར་སུ་ཇ་བོད་ཁྱིམ་ནས་གཞི་རིམ་སློབ་གྲྭ་འགྲིམས་པ་དང་། ཕྱི་ལོ་ ༢༠༠༩ ལོར་དྷ་སྟེང་བོད་ཁྱིམ་ནས་ཚན་རིག་ཐོག་འཛིན་རིམ་བཅུ་གཉིས་སློབ་པ་མཐར་སོན། ཕྱི་ལོ་ ༢༠༡༥ ལོར་ལྦེང་ལོར་ནས་སྐྱེ་དངོས་བཟོ་རིག་ཐོག་གཙུག་ལག་རབ་འབྱམས་མཐར་སོན་མ་ཐག  འདི་ལོའི་ཕྱི་ཟླ་ ༧ ནས་ ༡༠ བར་འདི་ག་དཔེ་མཛོད་ཁང་ནས་ཟླ་བ་གསུམ་གྱི་རྩོམ་སྒྱུར་ཟབ་སྦྱོང་ཐེངས་བཅུ་པའི་ཐོག་མཉམ་བཞུགས་བྱེད་རྒྱུའི་གོ་སྐབས་ཐོབ། དེ་རྗེས་ཕྱི་ལོ་ ༢༠༡༥ ཕྱི་ཟླ་ ༡༡ ཙམ་ནས་ ༢༠༢༠ ཕྱི་ཟླ་ ༨ བར་ལོ་བཞི་ལྷག་ཙམ་གྱི་རིང་ཤེས་རིག་ཤེས་ཡོན་ལྷན་ཚོགས་ཡིག་ཚང་དུ་ཚན་རིག་སློབ་དེབ་རྩོམ་སྒྲིག་དང་རྩོམ་འགྱུར་གྱི་ལས་ཁུར་ཞུས། ཕྱི་ལོ་ ༢༠༢༠ ཕྱི་ཟླ་ ༨ ནས་ད་བར་འདི་ག་ཚན་རིག་སྡེ་ཚན་ནང་ཕྱག་ལས་གནང་མུས་ཡིན། 

གློག་འཕྲིན་ཁ་བྱང་།      
trinlaywangdue59@gmail.com


བསྟན་འཛིན་ཆོས་ཉིད།


ཕྱི་ལོ་ ༢༠༡༣ ལོར་བོད་ཕྲུག་ཁྱིམ་སྡེ་ནས་འཛིན་རིམ་བཅུ་གཉིས་སློབ་ཐོན་བྱུང་། ཕྱི་ལོ་༢༠༡༧ ལོར་ GGSIPU གཙུག་ལག་སློབ་གཉེར་ཁང་ནས་ཀམ་པུཊར་བཟོ་བསྐྲུན་རིག་གནས་ཐོག་སློབ་མཐར་ཕྱིན་པ་དང་། ཕྱི་ལོ་ ༢༠༡༧ ནས་ད་བར་དཔེ་མཛོད་ཁང་དུ་ལས་ཀ་བྱེད་མུས་ཡིན། 


གློག་འཕྲིན་ཁ་བྱང་། 
tenzinbyte@gmail.com
Previous Post Next Post