འདར་འགུལ་བྱེད་པའི་ཅ་དངོས་ཀྱི་དམའ་བའི་སྒྲ་ཉོན།
  • དགོས་ངེས་རྒྱུ་ཆ།
  • ཇེམ་ཙེ།
  • སྐུད་པ། 
  • གོས་རྡང་དང་ལྕགས་ཐུར།

རྒྱབ་ལྗོངས་གནས་ཚུལ།

དངོས་པོ་འདར་འགུལ་བྱེད་དུས་ང་ཚོའི་རྣ་བར་སྒྲ་ཐོས་པ་དང་། དེས་དབང་རྩར་སྐུལ་རྐྱེན་བྱས་ཏེ་ང་ཚོའི་ཀླད་པར་གློག་བརྡ་གཏོང་གི་ཡོད།

ལག་བསྟར་དང་དོ་སྣང་བྱ་རྒྱུ།


  1. ཇེམ་ཙེས་རིང་ཚད་ལ་ཁྲུ་ ༣ ནས་ ༤ བར་བྱས་པའི་ཤོག་དུམ་གཅིག་གཏུབས།
  2. སྐུད་སྣེ་གཉིས་པོ་ལག་ཏུ་བཟུང་ནས་ལྷག་མ་དེས་གུག་ལུང་ཞིག་བཟོས།
  3. གུག་ལུང་དེ་གོས་རྡང་གི་ལྕགས་ཀྱུའི་སྟེང་དུ་ཞོག  དེ་ནས་གུག་ལུང་བརྒྱུད་སྐུད་སྣེ་གཉིས་གཡས་གཡོན་གྱི་མཚམས་བར་འབུད་འཐེན་བྱོས། ( བརྟག་དཔྱད་འདི་ནི་མདུད་མེད་སྐུད་པའི་སྟེང་ལས་སླ་བ་ཡོད།)
  4. སྐུད་སྣེ་ལྷོད་པ་དེ་རེ་མོས་ཀྱིས་ལག་གཡས་གཡོན་གྱི་མཛུབ་མོ་དང་པོ་རྣམས་ལ་ཐེངས་གཉིས་སམ་གསུམ་དཀྲིས།
  5. དེ་ནས་གོས་རྡང་ཕར་འགུལ་ཚུར་འགུལ་བྱས་ཏེ་དལ་བུའི་ངང་ཅོག་ཙེའི་རྐང་པ་དང་སྒོའི་སྟེང་ལ་ཐོགས་གཏུགས་བྱོས། ཁྱེད་ཀྱིས་སྒྲ་གང་འདྲ་ཞིག་ཐོས་ཀྱི་འདུག་གམ། ཕལ་ཆེར་དེ་ཙམ་ཐོས་ཀྱི་མེད།
  6. ད་ཁྱེད་ཀྱི་མཛུབ་མོ་དང་པོ་རྣམས་རྣ་བའི་བུ་གའི་སྟེང་དུ་ཞོག ( མཛུབ་མོ་རྣ་བའི་ནང་དུ་མ་བཅུག ) ལུས་སྙེས་ཏེ་གོས་རྡང་དལ་བུའི་ངང་བསྐྱར་དུ་ཐོགས་གཏུགས་བྱོས།

གང་འབྱུང་གི་འདུག་གམ།

ཁྱེས་ཀྱིས་གོས་རྡང་གྱང་སྟེང་ལ་རྡེབ་དུས་དེ་འདར་འགུལ་བྱེད་འགོ་ཚུགས་ཀྱི་ཡོད། འདར་འགུལ་བྱེད་བཞིན་པའི་གོས་རྡང་གིས་སྐུད་པ་འདར་ཡོམ་བྱེད། སྒྲ་དེ་རྣ་ལ་འབྱོར་བར་སྐུད་པའི་སྟེང་གི་འདར་འགུལ་དེས་ངེས་པར་དུ་རླུང་རྡུལ་སྟེང་ལ་འབུད་ནས་སྒྲ་རླབས་བསྐྲུན་པ་དེས་རླུང་བརྒྱུད་འགྲུལ་བཞུད་བྱེད།  འོན་ཀྱང་། སྐུད་པས་རླུང་རྡུལ་མང་པོའི་སྟེང་དུ་འབུད་འདེད་མི་བྱེད། དེར་བརྟེན། སྒྲའི་འདར་འགུལ་དེ་དག་སྐུད་པ་ནས་རླུང་ནང་ལས་སླ་པོར་འགྲུལ་བཞུད་མི་བྱེད།

ཁྱེད་ཀྱིས་མཛུབ་མོས་རྣ་བ་འགེབས་པའི་སྐབས་སུ་སྒྲས་ཐད་ཀར་རྣ་བར་ལམ་བུ་འཛིན་ཐུབ། སྒྲས་རླུང་བརྒྱུད་འགྲུལ་བཞུད་མི་བྱེད་པར་འདར་འགུལ་དེ་དག་གིས་ཁྱེད་ཀྱི་ལག་རུས་དང་མགོ་རུས་བརྒྱུད་ནང་རྣའི་རྣ་བའི་དུང་འཁྱིལ་ནང་རྒྱུ་བའི་གཤེར་ཁུའི་ནང་ཐད་ཀར་འགྲུལ་བཞུད་ཐུབ་ཀྱི་ཡོད། སྒྲས་མཁྲེགས་གཟུགས་ནས་རླུང་གཟུགས་དང་དེ་ནས་སླར་མཁྲེགས་གཟུགས་སྟེང་ཚུར་འགྲུལ་བཞུད་མི་བྱེད་པར། འདར་འགུལ་དེ་དག་མཁྲེགས་གཟུགས་( སྐུད་པ་) གཅིག་ནས་གཞན་( རུས་པ) དུ་བསྐྱོད་པ་དང་། དེ་ནས་ཁྱེད་ཀྱི་རྣ་བའི་དུང་འཁྱིལ་ནང་རྒྱུ་བའི་གཤེར་ཁུའི་ནང་བསྐྱོད་ཀྱི་ཡོད། དེའི་མཇུག་འབྲས་ལ་བརྟེན་ནས་ང་ཚོས་ཐོས་པའི་སྒྲ་དེ་གང་འཚམ་ཆེ་བ་དང་ཕུན་སུམ་ཚོགས་པ་ཡོད།


ཁྱེད་ཀྱི་ཐབ་ཚང་དང་འཛིན་གྲྭའི་ནང་གི་ཅ་དངོས་གཞན་ལ་བརྟག་དཔྱད་བྱོས།

Post a Comment

Previous Post Next Post