ཇེན་གུ་ཌོལ།
མཐོ་རིམ་སྲོག་ཆགས་དཔྱད་རིག་པ། རང་གཤིས་རིག་པ་བ་དང་། མི་རྒྱུད་དཔྱད་རིག་པ།
ཇེན་གུ་ཌོལ་ནི་ཕྱི་ལོ་༡༩༣༤ལོར་དབྱིན་ཡུལ་དུ་འཁྲུངས། བུ་མོ་གཞོན་ནུ་ཞིག་ཡིན་པའི་སྐབས་ནསསེམས་ཅན་སྐོར་ཤེས་འདོད་ཆེན་པོ་ཡོད་པས་ཁང་པའི་ནང་འབུ་དམར་འཁྱེར་ཡོང་བ་དང་བྱ་མོས་ཇི་ལྟར་སྒོ་ང་གཏོང་ཚུལ་ལྟ་ཞིབ་སྐབས་བྱ་མོ་ཞེད་སྣང་སྐྱེ་དགོས་པ་བཟོས་ཀྱི་ཡོད།
གཞོན་ནུ་མ་ཞིག་ཡིན་པའི་སྐབས་སུ་ཇེན་ཨཕ་རི་ཀར་སྐྱོད་འདོད་རི་སྐྱེས་སྐྱེ་དངོས་སྐོར་སྦྱོང་འདུན་ཆེ། མཐོ་རིམ་སློབ་གྲྭ་འགྲོ་རྒྱུར་དངུལ་མེད་པ་དང་རང་གི་རྨི་ལམ་འགྲུབ་ཆེད་དངོས་བྱུང་གློག་བརྙན་བཀོད་སྒྲིག་ལས་རོགས་དང་ཟ་ཁང་ཞབས་ཞུ་བའི་ལས་ཀ་བྱས་ཏེ་དངུལ་གསོག་འཇོག་བྱས། མི་རྣམས་ཀྱིས་བུད་མེད་གཅིག་ཨཕ་རི་ཀར་འགྲུལ་བཞུད་བྱ་རྒྱུ་ཧ་ཅང་ཉེན་ཁ་ཚ་པོ་ཡིན་པ་བཤད། དངུལ་སིལ་མ་ནས་ཅསྲི་ཚགས་བྱེད་ཀྱིན་ཇེན་གྱིས་ཀེན་ཡར་(Kenya)བསྐྱོད་པའི་འགྲོ་གྲོན་བསྟོན་ཐུབ་པ་བྱུང། དེར་ཁོང་གིས་གདོད་མའི་མིའི་སྐོར་ཞིབ་དཔྱོད་བྱེད་བཞིན་པའི་ཚན་རིག་པ་ལུ་ཨིས་ལྰི་ཀེ་(Louis Leakey)དང་འཕྲད། མོའི་ཨཕ་རི་ཀའི་སྐོར་གྱི་ཤེས་ཚད་ལ་སེམས་འཐད་དེ་མོ་རང་གནས་སྐབས་རིང་དྲུང་ཡིག་གི་ལས་ཀ་སྤྲད། ལུ་ཨིས་ཀྱིས་ཅིམ་པན་ཛི་(Chimpanzee)གདོད་མའི་མི་དང་མཚུངས་ཀྱི་ཡོད་མེད་སྐོར་དཔྱད་པར་འདོད། ཇེན་མོ་རང་ལ་འགྲོ་ལུགས་ལྡན་པའི་སློབ་སྦྱོང་མེད་ནའང་ཅིམ་པན་ཛི་མཉམ་སྡོད་ཆེད་ཁོང་རང་ལ་ལྟ་ཚུལ་དཔེ་ཟླ་བྲལ་བ་ཞིག་ཡོད་པས་གོམ་བྰི་(ཏན་ཛེ་ནྰི་ཡའི་(Tanzania)གོམ་བྰི་Gombe)ས་གནས་སུ་འགྲོ་མཁན་དྲག་ཤོས་མོ་རང་ཡིན་པ་བྱུང།
ཅིམ་པན་ཛི་རྣམས་ཀྱི་ཐོག་མར་མོར་ཡིད་ཆེས་བྱས་མེད། ཇེན་གྱིས་བརྗོད་པར་ཁོང་ཚོས་སྤྲེལ་དཀར་ནམ་ཡང་སྔོན་ལ་མཐོང་མྱོང་མེད་པ་རེད། མཐར་ཇེན་གྱིས་མིང་རྟགས་པའི་ཌེ་ཝིཌ་གྷྲེ་བི་ཨེརཌ་(David Greybeard)ཟེར་བའི་ཅིམ་པན་ཛི་ཞེད་སྣང་མེད་པར་ཇེན་མཉམ་བློ་སྒོ་ཕྱེས། ཅིམ་པན་ཛི་རྣམས་དང་གང་འཚམས་འདྲིས་ཏེ་ཁོང་གིས་དེ་སྔོན་མཐོང་མྱོང་མེད་པའི་སྤྱོད་ལམ་དཔེར་ན་ཡལ་ག་ཕྲ་མོ་ལག་ཆར་བེད་སྤྱོད་བྱས་པ་སོགས་ཡིག་ཆར་བཀོད་ཐུབ་པ་བྱུང། འདི་ནི་གལ་ཆེ་ཡིན་ཏེ་ཚན་རིག་པ་ཚོས་མི་གཅིག་པུས་ལག་ཆ་སྤྱོད་ཐུབ་པ་བསམ་གྱི་ཡོད། ད་ང་ཚོས་བསམས་པ་ལས་བརྒལ་ཏེ་ཅིམ་པན་ཛི་ནི་ང་ཚོ་དང་འདྲ་མཚུངས་མང་བ་ཡོད་པའི་གནས་ལུགས་རྟོགས་ཐུབ་པ་བྱུང་ཡོད།
ཇེན་གྱིས་གསར་རྙེད་གྲགས་ཅན་བྱས་རྗེས་ཁོང་ལ་རྒྱལ་ཡོངས་ས་བཤད་ཚོགས་པས་(National Geographic Society)གོམ་བཱིར་གནས་ཏེ་མུ་མཐུད་ནས་ཅིམ་པན་ཛི་རྟགས་ཞིབ་བྱེད་ཆེད་སྦྱིན་བདག་བྱས། ཁོང་གིས་ཉམས་ཞིབ་བརྒྱུད་ཅིམ་པན་ཛིར་ཁྱུ་ཚོགས་ཀྱི་གོ་རིམ་ཐུན་མིན་ཁྱད་ཆོས་ཐ་དད་ཡོད་པ་དང་སྙིང་རྗེ་དང་དྲག་ཤུལ་གཉིས་ཀའི་ནུས་པ་ཡོད་པ་འཛམ་གླིང་ལ་བསྟན་ཐུབ་པ་བྱུང། ཁོང་ཚོའི་སྤྱི་ཚོགས་དང་སྐྱེ་དངོས་གཉིས་ཀའི་ཐོག་མི་དང་མཚུངས་པ་ཡོད་ཀྱང་ཅིམ་པན་ཛི་རྣམས་ལ་ཉེན་ཁ་ཡོད་པ་རྟོགས། དབུལ་འཕོང་གི་དཀའ་ངལ་རྐྱེན་པས་ས་གནས་མང་ཚོགས་རྣམས་ཅིམ་པན་ཛི་བཟའ་དགོས་པ་དང་ལོ་ཏོག་འདེབས་འཛུགས་ཀྱི་ལག་ལེན་ངན་པས་ཁོང་ཚོའི་རང་བྱུང་གནས་ཡུལ་གཏོར་རླག་གཏོང་བཞིན་ཡོད་འདུག། ཁོང་གིས་ཁོར་ཡུག་གཉེར་སྲུང་ཚོགས་པ་དཔེར་ན་ཇེན་གུ་ཌོལ་ཚོགས་སློབ་གཉེར་ཁང་(Jane Goodall Institute)ཅིམ་པན་ཛི་དང་དེ་ཚོའི་རང་བྱུང་གནས་ཡུལ་སྐྱོབ་ཆེད་དང་ན་གཞོན་གྱིས་སྣེ་ཁྲིད་པའི་མང་ཚོགས་ལག་བསྟར་ལས་རིམ་རྩ་བ་དང་ལྗང་བུ་སློབ་གཉེར་ཁང་(Roots & Shoots)འགོ་འཛུགས་བྱས།
ཇེན་ལགས་མཉམ་འབྲེལ་རྒྱལ་ཚོགས་ལྷན་འཛམ་གླིང་ཞི་བདེ་ཆེད་མུ་མཐུད་དེ་ཕྱག་ལས་གནང་བཞིན་ཡོད་པ་དང། ཁོང་གིས་ང་ཚོས་སེམས་ཅན་དང་རང་ཚོར་ཉིད་ཀྱི་ཐད་གོ་རྟོགས་ལ་འགྱུར་བ་བཏང་ཡོད།
པད་མ་སྒྲོལ་དཀར།
བོད་ཀྱི་དཔེ་མཛོད་ཁང།
ཚན་རིག་སྡེ་ཚན།
Post a Comment